Gyalsey Kuchoe

page

Exactly 324 years ago, on this day the 25th of 4th Bhutanese month His Holiness Gyalsey Tenzin Rabgye passed into Mahaprinirvana. To honor and remember his legacy, His Eminence Gyalsey Choktrul Jigme Tenzin Wangpo Rinpoche the 8th Thritrul or reincarnation of Gyalsey Tenzin Rabgye is presiding over the third day of the three days long ritual. དཔལ་ལྡན་དབྱར་རྔའི་ལྗོངས་འདིར་ སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་ལུང་གིས་ཟིན་ཞིང་ ཆོས་སྲིད་ལུགས་གཉིས་ཀྱི་བདག་པོ་ སྐྱབས་མགོན་ངག་གི་དབང་པོའི་རྒྱལ་ཚབ་ སྙིགས་དུས་འགྲོ་བའི་སྐྱབས་མགོན་རྒྱལ་སྲས་བསྟན་འཛིན་རབ་རྒྱས་ ༼༡༦༣༨ – ༡༦༩༦ ༽ མཆོག་ འཛིན་བྱེད་ཅེས་པ་ མེ་ཕོ་བྱི་ལོ་ས་ག་ཟླ་བའི་དམར་ཕྱོགས་ཀྱི་ཉེར་ལྔའི་ཉིན་ དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ནས་ ལོ་ངོ་ ༣༢༤ ་འཁོར་བའི་རྗེས་དྲན་སྐུ་མཆོད་ཉིན་གསུམ་པ་ མགོན་པོ་གང་གི་ཡང་སྲིད་ རྒྱལ་སྲས་མཆོག་སྤྲུལ་འཇིགས་མེད་བསྟན་འཛིན་དབང་པོ་རིན་པོ་ཆེ་དབུ་བཞུགས་ཐོག་གནང་བཞིན་པའི་མཐོང་སྣང་།