Preparation of Funeral Ceremony

page

On 14th day of the 8th lunar month, Corresponding to the propitious day of the Pel Mahakala, the local earthen bricks prepared from the various holy and sacramental substances has been moved to Punakha Dzong from Tago Dorden Tashithang Buddhist University to erect the stupa of Enlightenment for the funeral ceremony, Pur-Jang, of our three-fold gracious root lama, the regent of lord Sakyamuni, the embodiment of compassion, wisdom and power of all Buddhas, His Holiness the Kyabje  Jitsen Tenzin Dondup.  Following day on 15th of 8th lunar month, the ritual of ground breaking ceremony were presided along with prayer of purification prior to the commencement of construction work.

༄ །དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་པའི་རང་གཟུགས། བརྟན་གཡོ་ཀུན་གྱི་ཁྱབ་བདག རིས་མེད་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ བསླབ་གསུམ་ནོར་བུའི་བང་མཛོད་ མཁས་གྲུབ་བྱེ་བའི་གཙུག་ནོར་ ཞིང་འདིར་ཀུན་མཁྱེན་བུ་རམ་ཤིང་པའི་བསྟན་པ་ལ་ཐུབ་དབང་གཉིས་པའི་མཛད་པ་ཅན་ ལྷ་མི་ཀུན་གྱི་བསོད་ནམས་ཀྱི་ཞིང་མཆོག་དམ་པ་ རྣམ་འདྲེན་བཞི་པའི་རྒྱལ་ཚབ་ ངེས་པ་དོན་གྱི་རྡོ་རྗེ་འཆང་དབང་ཆེན་པོ་དཔལ་ལྡན་བླ་མ་སྐྱབས་རྗེ་ཞིང་གཤེགས་དམ་པ་རྗེ་བཙུན་བསྟན་འཛིན་དོན་ཀུན་གྲུབ་པའི་སྡེ་གང་གི་སྤུར་ཁང་གི་མཆོད་རྟེན་བཞེངས་ཆེད་ རྒྱུ་གཙང་ཤིང་བྱིན་རླབས་ཀྱི་ས་སྣ་དང་ཆུ་སྣ་ནས་བསྒྲུབ་པའི་ས་པག་ཅུང་རྣམས་ རང་ཟླ་བརྒྱད་པའི་ཚེས་ ༡༤ གཟའ་སྐར་དགེ་བའི་སྐབས་དང་བསྟུན་ རྟ་མགོ་རྡོར་གདན་བཀྲིས་ཐང་ནང་པའི་གཙུག་ལག་སློབ་གྲྭ་ནས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གང་ལ་བ་གདན་འདྲེན་ཡོད་པ་དང་། ཚེས་བཅོ་ལྔ་ལ་ལྷ་བསངས་དང་ས་ཆོག་སྔོན་དུ་བཏང་ནས་སྤུར་ཁང་བྱང་ཆུབ་མཆོད་རྟེན་བཞེངས་པའི་ལས་སྣའགོ་བཙུགས་ཡོད་པའི་སྙན་སྒྲོན་དུའོ།